ཧྭ་ཝེའི་རིག་ལྡན་འཚོ་བའི་སྤྱོད་པ་པོའི་གྲོས་མཐུན།
གསར་སྒྱུར་གྱི་ཚེས་གྲངས། 2021ལོའི་ཟླ་06པའི་ཚེས་30ཉིན།
1. ང་ཚོའི་སྐོར།
འཚོ་བ་བློ་གྲོས་ཅན་ཀྱི་ཉེར་སྤྱོད་དང་དེ་བཞིན་འབྲེལ་ཡོད་ལག་རྩལ་དང་རྩོལ་ནུས་(གཤམ་ནས་མཉམ་དུ་ཞབས་ཞུ་འདི་ཞེས་འབོད།)ནི་ཧྭ་ཝེའེ་མཐའ་སྣེའི་ཚད་ཡོད་ཀུང་སིས་གཉེར་སྐྱོང་བྱས་པ་ཡིན། གྲོས་མཐུན་འདིའི་ (མཚན་ཉིད་གཤམ་དུ་གསལ།) ནང་གི་ཁྱེད་དང་སྤྱོད་མཁན་ཞེས་པ་ནི་ཞབས་ཞུ་འདི་བེད་སྤྱོད་པའམ་ལྟ་སྤྱོད་བྱེད་པའི་མི་སྒེར་གང་རུང་ལ་གོ།
2. གྲོས་མཐུན་གྱི་དམིགས་ཡུལ།
སྤྱོད་མཁན་གྱི་གྲོས་མཐུན་དང་གསང་བའི་བརྡ་ཐོ། གསལ་བསྒྲགས། དེ་བཞིན་ཞབས་ཞུ་འདིས་ཁྱབ་བསྒྲགས་སམ་ཡང་ན་མཁོ་འདོན་བྱས་པའི་སྲིད་ཇུས་གཞན་དག་དང་ཆ་འཕྲིན་(གཤམ་ནས་གྲོས་མཐུན་འདི་ཞེས་འབོད།)ནི་ང་ཚོས་ཁྱེད་ལ་ཞབས་ཞུ་འདི་མཁོ་འདོན་བྱས་ནས་བེད་སྤྱོད་དང་དེ་བཞིན་འཚམས་འདྲིའི་གཞི་འཛིན་སའི་དོན་ཚན་དང་ཆ་རྐྱེན་ཡིན། གྲོས་མཐུན་འདི་བརྒྱུད་ནས། ཁྱེད་ཀྱིས་ཧྭ་ཝེ་དང་ཧྭ་ཝེ་ཡིས་ཁྱེད་ལ་ཞབས་ཞུ་འདི་མཁོ་འདོན་བྱེད་ཐབས་དང་། ཧྭ་ཝེ་ཡིས་ཞབས་ཞུ་འདི་སྤྱོད་མཁན་ལ་བཅངས་པའི་རེ་བ། ཞབས་ཞུ་འདི་དང་འབྲེལ་ཡོད་ཞབས་ཞུས་ཆོག་མཆན་དང་བཀག་སྡོམ་ཡོད་པའི་བྱེད་སྒོ། གནད་དོན་འཕྲད་དུས་ཀྱི་བྱེད་ཐབས་དང་གལ་ཆེའི་ཆ་འཕྲིན་གཞན་དག་ཤེས་རྟོགས་བྱེད་ཐུབ།
3. གྲོས་མཐུན་འདི་དང་ལེན།
གྲོས་མཐུན་འདི་ཞིབ་ཚགས་ངང་ཀློག་རོགས། གལ་ཏེ་ཁྱེད་ཀྱིས་ཞབས་ཞུ་འདི་ལྟ་སྤྱོད་དམ་བེད་སྤྱོད་བྱེད་ཚེ། ཁྱེད་དང་ཧྭ་ཝེའི་བར་བཅའ་ཁྲིམས་ཀྱི་འཆིང་ནུས་ལྡན་པའི་གྲོས་མཐུན་བཞག་པར་བརྩི་བ་མ་ཟད་གྲོས་མཐུན་འདི་དང་དུ་ལེན་པར་མོས་མཐུན་བྱས་པར་བརྩི། གལ་ཏེ་ཁྱེད་ཀྱིས་གྲོས་མཐུན་འདི་དང་དུ་མི་ལེན་པ་མ་ཟད་མོས་མཐུན་མེད་ཚེ།ཞབས་ཞུ་འདི་ལ་ལྟ་སྤྱོད་དམ་བེད་སྤྱོད་བྱ་མི་རུང་། གལ་ཏེ་ཁྱེད་ཀྱིས་གྲོས་མཐུན་འདིའམ་ཞབས་ཞུ་འདིས་ཁྱབ་སྤེལ་བྱས་པའམ་མཁོ་འདོན་བྱས་པའི་གཞན་གྱི་སྲིད་ཇུས་དེ་བཞིན་ཆ་འཕྲིན་ལ་དོགས་གནད་གང་རུང་ཞིག་ཡོད་ཚེ། གཤམ་གསལ་འབྲེལ་གཏུག་བྱ་ཐབས་བརྒྱུད་ནས་ང་ཚོ་དང་འབྲེལ་བ་གནང་རོགས།
4. བེད་སྤྱོད་པའི་ཐོབ་ཐང་།
གལ་ཏེ་ཁྱེད་ནི་སྐྱེ་བོ་ལོ་ན་མ་སོན་པ་ཡིན་ན། ཁྱེད་ཀྱིས་ཞབས་ཞུ་འདི་བཀོལ་སྤྱོད་བྱེད་མིན་ཐག་མ་བཅད་གོང་ལ། ཁྱེད་རང་གིས་ཕ་མའམ་ཡང་ན་ཁྲིམས་བཀོད་ཀྱི་ལྟ་སྐྱོང་བྱེད་མི་དང་མཉམ་དུ་གྲོས་མཐུན་འདི་བཀླགས་ཏེ་ཁོ་ཚོས་གྲོས་མཐུན་འདིའི་ནང་དོན་རྒྱུས་ལོན་བྱེད་པར་ཁག་ཐེག་བྱ་དགོས། ཕ་མ་དང་ཁྲིམས་བཀོད་ཀྱི་ལྟ་སྐྱོང་བྱེད་མི་ཡི་མོས་མཐུན་མ་ཐོབ་སྔོན་ལ་ཁྱེད་ཀྱིས་ཞབས་ཞུ་འདི་བཀོལ་སྤྱོད་མ་བྱེད་རོགས། དུས་མཚུངས་སུ། ང་ཚོས་ཁྱིམ་བདག་དང་ཁྲིམས་བཀོད་ལྟ་སྐྱོང་བྱེད་མི་ཡིས་ཁྱེད་ཀྱི་ཕྲུ་གུས་འཕྲིན་སྦྲེལ་དྲ་བ། ལག་འཁྱེར་ཁ་པར་དང་སྒྲིག་ཆས་གཞན་དག་བེད་སྤྱོད་བྱེད་པའི་བྱ་སྤྱོད་ལ་ལུགས་དང་མཐུན་པའི་ལྟ་སྐུལ་དང་ཁྲིད་སྟོན་བྱ་རྒྱུའི་གྲོས་འགོ་འདོན་རྒྱུ་ཡིན།
ཁྱེད་ཀྱི་སྡོད་སའི་ཁྲིམས་འཛིན་ས་ཁོངས་དང་ཞབས་ཞུ་འདི་ལ་ལྟ་སྤྱོད་དམ་བེད་སྤྱོད་བྱེད་དུས་ཡོད་སའི་ཁྲིམས་འཛིན་ས་ཁོངས་དེའི་འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་ལ་བརྩི་སྲུང་ཞུ་དགོས།
5. ཞབས་ཞུ་འདི་ལ་ལྟ་སྤྱོད།
ཧྭ་ཝེ་ཡིས་ཁྱེད་ལ་གྲོས་མཐུན་འདི་ལ་གཞིགས་ནས་ཞབས་ཞུ་འདིའི་ཚད་ཡོད་ཡིན་ལ་གཞན་པ་ཕྱིར་འབུད་རང་བཞིན་མིན་པ། ནང་བཤུག་གཏོང་མི་ཆོག་པ། སྒྱུར་སྤྲོད་བྱ་མི་ཆོག་པ། འོན་ཀྱང་ཕྱིར་འཐེན་བྱ་ཆོག་པའི་ལྟ་སྤྱོད་དང་བེད་སྤྱོད་བྱ་བའི་ཆོག་མཆན་སྤྲོད།
ཁྱེད་ཀྱིས་ཞབས་ཞུ་འདིར་ལྟ་སྤྱོད་བྱ་བར་དགོས་ངེས་ཀྱི་གྲ་སྒྲིག་ཡོད་ཚད་ལ་འགན་འཁུར་དང་བཀོད་སྒྲིག་བྱེད་དགོས་ལ། འདིའི་ནང་དུ་ཁྱེད་ཀྱི་ཀུན་འདུས་ཀྱི་སྒྲིག་ཆས་དང་ཚོད་འཛིན་སྟེགས་བུའམ་སྟེགས་བུ་དེ་བཞིན་དྲ་རྒྱའི་འབྲེལ་མཐུད་བཅས་མཁོ་འདོན་བྱེད་པ་ཚུད་ཡོད། ཁྱེད་ཀྱིས་ད་དུང་ཁྱེད་ཀྱི་ཀུན་འདུས་སྒྲིག་ཆས་དང་། ཚོད་འཛིན་སྟེགས་བུའམ་སྟེགས་བུ་དེ་བཞིན་དྲ་རྒྱའི་འབྲེལ་མཐུད་བརྒྱུད་ནས་ཞབས་ཞུ་འདི་ལྟ་སྤྱོད་བྱ་མཁན་གྱི་སྤྱོད་མཁན་ཚང་མས་གྲོས་མཐུན་འདི་ཤེས་རྟོགས་བྱ་བ་མ་ཟད་ག་དུས་ཡིན་རུང་གྲོས་མཐུན་འདི་ལ་རྩ་བ་ནས་བརྩི་སྲུང་ཞུ་བ་ཁག་ཐེག་གནང་དགོས།
6. ཞབས་ཞུ་འདི།
ཞབས་ཞུ་འདི་ནི་འཚོ་བ་བློ་གྲོས་ཅན་གྱི་སྐྱེ་ཁམས་མྱོང་རོལ་་གྱི་འཛུལ་སྒོ་ཡིན་ཏེ། ལག་ཁྱེར་ཁ་པར་དང་ལག་ཐོག་རྩིས་འཕྲུལ། སྒྲ་འབྱུང་ལྷུ་ལག རིག་ནུས་སྒྲ་སྒམ། གྱོན་འདོགས་སྒྲིག་ཆས། རིག་ལྡན་ཡོལ་ངོས་འཚོལ་རྙེད་དང་མཐུད་སྦྲེལ་བྱ་ཐུབ་པ་དང་། ཁྱིམ་ཚང་དྲ་རྒྱའི་ནང་གི་ HiLink འབྲེལ་མཐུད་ཀྱི་གྲོས་མཐུན་དང་མཐུན་པའི་མཐའ་སྣེའི་ཐོན་རྫས་འཚོལ་རྙེད་དང་མཐུད་སྦྲེལ་བྱ་ཐུབ། ཐོན་རྫས་འདིདག་ལ་གཞིགས་ནས་འཚོ་བ་དང་འབྲེལ་ཡོད་ཀྱི་ཁོར་ཡུག་བསྐྲུན་ཐུབ། ཞབས་ཞུ་འདིས་ད་དུང་ཁྱེད་ལ་མི་གཤིས་ཅན་གྱི་ཆ་འཕྲིན་གྱི་དྲན་སྐུལ་དང་ལྷན་སྦྲེལ། དེ་བཞིན་སྟབས་བདེའི་ལྷུ་ལག་ཆ་ཚང་གི་ཞབས་ཞུ་མཁོ་འདོན་བྱེད་དེ། ཁྱེད་ནས་ཞབས་ཞུ་འདི་སྔར་བས་ལེགས་པར་བེད་སྤྱོད་བྱེད་བདེ་ཆེད་དུ་ཡིན། ཁྱེད་ནས་ཞབས་ཞུ་འདི་བེད་སྤྱད་དེ་འབྲེལ་ཡོད་ཀྱི་སྒྲིག་ཆས་སྣོན་པ་དང་དེར་ཚོད་འཛིན་བྱེད་པ། སྒྲིག་ཆས་འཁོར་སྐྱོད་ཀྱི་གནས་ཚུལ་ལ་ལྟ་ཞིབ་བྱེད་པ་མ་ཟད་སྟབས་བདེ་དུས་ཉེར་སྤྱོད་ནང་དུ་རིག་ནུས་ཁྱིམ་མཁོའི་སྒྲིག་ཆས་གསར་པ་ཉོ་བ་བཅས་བྱེད་ཆོག
ས་ཁུལ་བརྗེས་རྗེས། སྒྲིག་ཆས་ཀྱི་གནས་འདི་གའི་གཞི་གྲངས་གཙང་སེལ་བྱེད་སྲིད། གལ་ཏེ་ཁྱེད་ཀྱི་སྒྲིག་ཆས་ཀྱི་གཞི་གྲངས་སྤྲིན་སྣེར་གོམ་མཉམ་བྱས་མེད་ཚེ། ཁྱེད་ཀྱིས་རིག་ལྡན་འཚོ་བའི་ཁྲོད་ནས་ཡང་བསྐྱར་འབྲེལ་ཡོད་རིག་ལྡན་ཁྱིམ་མཁོའི་སྒྲིག་ཆས་ལ་བསྡམ་དགོས། འོན་ཀྱང་ཞབས་ཞུ་འདིས་ཐོབ་པའི་དབང་ཚད་ལ་ཤུགས་རྐྱེན་མི་ཐེབས།
ཞབས་ཞུ་འདིའི་ད་དུང་ཚོང་རའི་ཞབས་ཞུའི་འདོན་སྤྲོད་བྱེད་ཐུབ། རྩོལ་ནུས་དེ་སྤྱོད་སྐབས། ཚོང་བདག་གིས་དྲ་ཚིགས་དེའི་སྟེང་དུ་བཀྲམ་ཡོད་པའི་བྱེ་བྲག་གི་ཚོང་རྫས་དང་བྲིན་ཐོ་ལ་འོས་བབས་ཀྱི་ཁྲིམས་ལུགས་འོས་འགན་དང་འགན་ཁུར་དང་ལེན་བྱ་དགོས། རྩོལ་ནུས་འདི་བེད་མ་སྤྱད་གོང་དུ། ཁྱེད་ཀྱིས་ཧྭ་ཝེ་ཁྲོམ་ར་འབྲེལ་ཡོད་ཀྱི་ཞབས་ཞུའི་གྲོས་མཐུན་དང་དངོས་ཟོག་ཕྱིར་སློག་དང་བརྗེ་ལེན་གྱི་སྲིད་ཇུས། དེ་བཞིན་གཞན་གྱི་སྲིད་ཇུས་དང་ཡིག་ཆ་ཞིབ་ཚགས་ངང་ལྟ་ཀློག་གནང་རོགས།
7. རྩིས་ཐོའི་བདེ་འཇགས།
ཁྱེད་ཀྱིས་ཧྭ་ཝེ་ཁོངས་མིངཁོངས་མིང་ཀྱི་སྤྱོད་མཁན་གྱི་མིང་དང་གསང་གྲངས་ (གཤམ་ནས་ཁོངས་མིངཁོངས་མིང་ཀྱི་ཆ་འཕྲིན་ཞེས་འབོད་རྒྱུ་) དོ་དམ་ཉར་ཚགས་ཡག་པོ་བྱེད་དགོས། མི་གང་རུང་ལ་འདིའི་རིགས་ཀྱི་ཆ་འཕྲིན་མཉམ་སྤྱོད་བྱ་མི་རུང་། ང་ཚོས་ཁྱེད་ཀྱིས་བདེ་འཇགས་རིམ་པ་མཐོ་བའི་གསང་གྲངས་གདམ་ནས་གསང་གྲངས་ཉར་ཚགས་ལེགས་པོ་བྱ་རྒྱུའི་བསམ་འཆར་འདོན། ཁྱེད་ལ་ཁྱེད་ཀྱི་གསང་ཨང་གི་བདེ་འཇགས་ལ་ཁག་ཐེག་བྱེད་པའི་འོས་འགན་ཡོད། གལ་ཏེ་ཁྱེད་ཀྱིས་རྩིས་ཐོ་དང་ཉོ་ཚོང་གི་ཆ་འཕྲིན་ཞིབ་ཕྲ་ཕྱོགས་གསུམ་པར་མཁོ་འདོན་བྱེད་ཚེ། དེ་ལས་བྱུང་བའི་གྱོང་གུན་དང་འགན་འཁྲི་གང་རུང་ཁྱེད་རང་སྒེར་གྱིས་འཁུར་དགོས།
8. སྤྱོད་པའི་སྒྲིག་གཞི།
ཁྱེད་ཀྱིས་ཁྲིམས་མཐུན་སྤྱོད་ལྡན་གྱི་ངང་ནས་གྲོས་མཐུན་འདི་གཞིར་བཟུང་ནས། ཉེར་སྤྱོད་འདི་ལ་ལྟ་སྤྱོད་དང་བེད་སྤྱོད་བྱེད་པར་ཁས་ལེན་ཞིང་མོས་མཐུན་བྱེད། ཁྱེད་ཀྱིས་བསམ་ཤེས་དང་མོས་མཐུན་བྱ་རྒྱུར། ཁྱེད་ཀྱིས་ཞབས་ཞུ་འདི་སྤྱོད་ནས་གཤམ་གསལ་ངོ་བོ་ལྡན་པའི་ཆ་འཕྲིན་གང་རུང་ཞིག་བརྒྱུད་གཏོང་བྱ་མི་རུང་། ཡང་ན་བྱ་ཐབས་གཞན་བརྒྱུད་ནས་གཤམ་གསལ་ངོ་བོ་ལྡན་པའི་བྱེད་སྒོ་གང་རུང་ཞིག་གི་ནང་ཞུགས་མི་རུང་སྟེ། འདི་དག་ནི་བཅོས་མ། སྐྱོན་འདོགས། ཁེ་དབང་ལ་གནོད་འཚེ་གཏོང་བ། གནོད་ཅན། ཆགས་སྲེད། ཕར་རྒོལ། བརྙས་བཅོས། ཟིང་ཆ་སློང་བ། ཞབས་འདྲེན་གྱི་གནས་ཚུལ། འཁོན་འཛིན། ངན་སྐུལ། འཇིགས་སྐུལ། ཁྲིམས་འགལ། ཕོག་ཐུག་གཏོང་བ། འཆལ་རྩེད། གསང་བར་གནོད་འཚེ་གཏོང་བའམ་ཕྱོགས་གཞན་གྱི་ཐད་མི་གཞན་ཞེ་ལོག་དུ་བཅུག་པ་བཅས་ཡིན། འདིའི་ནང་དུ་ཁྲིམས་འགལ་བྱེད་སྒོ་སྤེལ་ཐབས་བྱ་བ། མངོན་གསལ་རང་བཞིན་གྱི་བཤད་པ་ཡོད་པ། བཙན་ཤེད་འུད་སྒྲོག་བྱ་བ། དེ་བཞིན་མཐོང་ཆུང་རང་བཞིན་དང་ཁྲིམས་འགལ་རང་བཞིན་གྱི་རྐྱེན་པས་བྱུང་བའམ་བྱུང་སྲིད་པའི་མི་ལུས་དང་རྒྱུ་ནོར་གྱི་གྱོང་གུན་ནམ་གནོད་པ། སྤྱད་འཐུས་བཅའ་ཁྲིམས་འོག་གི་དམངས་དོན་ནམ་ཉེས་དོན་འོས་འགན་གྱི་ཆ་འཕྲིན་དང་བྱ་སྤྱོད་བཅས་ཚུད་ཡོད་ལ་དེས་མ་ཚད། (འདིའི་ནང་དུ་ཁྱེད་ལ་ཡོངས་བསྒྲགས་སམ་བརྒྱུད་གཏོང་བྱ་བའི་དབང་ཆ་མེད་པའི་ཆ་འཕྲིན་གང་ཞིག་གམ་འདིའི་རིགས་ཀྱི་ཡོངས་བསྒྲགས་སམ་བརྒྱུད་གཏོང་གྱིས་གསང་སྲུང་འོས་འགན་དང་ཡང་ན་ཕྱོགས་གསུམ་པའི་ཤེས་རིག་ཐོན་དབང་དང་འགལ་བ་ཚུད་ཡོད་ལ་དེས་མི་ཚད།)
གྲོས་མཐུན་འདིས་ཁ་གསལ་པོར་གཏན་འབེབས་བྱས་ཡོད་པའམ་བཅའ་ཁྲིམས་ཆོག་མཆན་ཡོད་པ་དང་སྤྱད་འཐུས་ཡིན་པ་མ་གཏོགས། ཁྱེད་ཀྱིས་གཤམ་གསལ་གྱི་བྱེད་སྒོ་གང་རུང་ལ་མི་ཞུགས་པར་མོས་མཐུན་བྱེད་ཅིང་ཁས་ལེན།
(1) ཞབས་ཞུ་འདིའི་ནང་ཚུད་པའི་པར་དབང་དང་ཚོང་རྟགས། ཡང་ན་དེ་མིན་གྱི་ཆེད་དམིགས་བརྡ་ཐོ་གསུབ་པ།
(2) ཞབས་ཞུ་འདིའི་ནང་དོན་ཡོངས་རྫོགས་འདྲ་བཟོ་དང་ཡང་ན་བཟོ་བཅོས་བྱེད་པ། ཡང་ན་ཞབས་ཞུ་འདི་དང་དེའི་ནང་གི་ཆ་ཤས་གང་རུང་གོ་རིམ་གཞན་པ་གང་རུང་དང་ཟླ་སྒྲིལ་བྱེད་པའམ་ཡང་ན་གོ་རིམ་གཞན་གང་རུང་དང་མཉམ་བསྲེས་བྱེད་པ།
(3) དབང་ཆ་སྤྲད་ནས་བཅར་འདྲི་མ་བརྒྱུད་པའམ་ཡང་ན་ཞབས་ཞུ་དང་འབྲེལ་ཡོད་མ་ལག་གམ་ཡང་ན་དྲ་རྒྱའི་ཆ་ཤས་གང་རུང་ལ་གནོད་འཚེ་བཏང་བ།
(4) ཞབས་ཞུ་འདིའམ་འདིའི་ཆ་ཤས་ཤིག་དབྱེ་ཕྲལ་བྱེད་པ་དང་། ཨང་གྲངས་འགྲོལ་བའམ་ལྡོག་ཕྱོགས་སུ་གསར་སྤེལ་བྱེད་པ། ཡང་ན་ཞབས་ཞུ་འདི་དང་ཡང་ན་དེས་འགན་འཁུར་བའི་ཆ་ཤས་ཤིག་ལ་བརྟེན་ནས་གསར་ཐོན་བརྩམས་ཆོས་གསར་སྐྲུན་བྱེད་པ། ཡང་ན་བཅའ་ཁྲིམས་སྤྱད་དེ་གཏན་འགོག་བྱེད་པའི་རིགས་འདྲའི་བྱ་འགུལ་སྤེལ་བ།
(5) ཁག་བགོ་བ། ཆོག་འཐུས། བོགས་མར་གཏོང་བ། ཕྱིར་འཚོང་། བརྒྱུད་འཚོང་། ནང་བཤུག ཡོངས་བསྒྲགས། འཁྲབ་སྟོན། བརྒྱུད་གཏོང་། ཁྱབ་གཏོང་། བརྒྱུད་བསྒྲགས་སམ་ཡང་ན་རྣམ་པ་གཞན་གྱི་ཐོག་ནས་ཞབས་ཞུ་འདི་བཀོལ་སྤྱོད་བྱེད་པ།
(6) ཧྭ་ཝེ་ཡིས་སྔོན་ལ་ཡིག་ཐོག་ནས་ཆོག་མཆན་མ་ཐོབ་པར་རྣམ་པ་གང་རུང་གི་ཐོག་ནས་ཞབས་ཞུ་འདིའི་ནང་དོན་ཡོངས་རྫོགས་སམ་ཆ་ཤས་(དམིགས་བྱའི་དངོས་རྫས་དང་འབྱུང་ཁུངས་ཚབ་རྟགས་ཚུད་པ)མི་སུ་འདྲ་ཞིག་ལའང་འདོན་སྤྲོད་བྱེད་པ།
(7) མི་གཞན་ལ་བརྫུས་པའམ་མིང་རྫུན་མ་བཏགས་པ། ཡང་ན་བྱེད་ཐབས་གཞན་ལ་བརྟེན་ནས་ཁྱེད་རང་དང་མི་ག་གེ་མོའམ་དངོས་གཟུགས་ག་གེ་མོའི་བར་གྱི་འབྲེལ་བ་རྫུན་ཞུ་བྱེད་པ།
(8) ཁྲིམས་འགལ་གྱི་དམིགས་ཡུལ་གྱི་ཆེད་དུ། ཁྲིམས་འགལ་གྱི་རྣམ་པ་གང་རུང་དང་། ཡང་ན་གྲོས་མཐུན་འདི་དང་འགལ་བའི་རྣམ་པས་ཞབས་ཞུ་(ཡང་ན་དེའི་ཆ་ཤས་གང་རུང་)བཀོལ་སྤྱོད་བྱས་པའམ། ཡང་ན་མགོ་སྐོར་གཡོ་འཕྲུལ་དང་བསམ་ངན་གྱི་བྱ་སྤྱོད་གང་རུང་སྤེལ་ན། དེའི་ནང་དུ་ཞབས་ཞུ་འདིའི་(ཡང་ན་ཞབས་ཞུ་འདིའི་སྦྲེལ་མཐུད་ཀྱི་དྲ་གནས་)དང་ཡང་ན་བཀོལ་སྤྱོད་མ་ལག་གང་རུང་ལ་བཙན་འཛུལ་བྱས་པ། ཡང་ན་དེ་ལ་བསམ་ངན་གྱི་ཚབ་རྟགས་བཀོད་པ། ནད་དུག་གམ་གནོད་ལྡན་གཞི་གྲངས་སོགས་འདུས།
(9) ཞབས་ཞུ་འདི་ལ་ལྟ་སྤྱོད་དམ་བེད་སྤྱོད་བྱེད་སྐབས་ང་ཚོའམ་ཡང་ན་ཕྱོགས་གསུམ་པའི་ཤེས་བྱའི་ཐོན་དངོས་བདག་དབང་ལ་གནོད་འཚེ་བཏང་པ།
(10) ཞབས་ཞུ་འདི་སྤྱོད་མཁན་གྱི་ཆ་འཕྲིན་འཚོལ་སྡུད་བྱེད་པ། ཡང་ན་རང་འགུལ་ཅན་གྱི་བྱེད་ཐབས་སྤྱད་དེ་(བརྔ་བསྡུ་འཕྲུལ་འཁོར་དྲ་ངོས་འཚོལ་བསྡུ་མཉེན་ཆས་ལྟ་བུ)ཞབས་ཞུ་འདིའི་རིགས་སམ་ཧྭ་ཝེའི་མ་ལག་ལ་བཅར་འདྲི་བྱེད་པ། ཡང་ན་རལ་བསྒྱུར་བརྒྱུད་དེ་ཞབས་ཞུ་འདི་འཁོར་སྐྱོད་བྱེད་པའི་ཞབས་ཞུ་ཆས་ཁྲོད་ནང་དོན་གང་རུང་དང་ཡང་ན་དེའི་ཁྲོད་ནས་ནང་དོན་གང་རུང་ལེན་པ།
(11) མཉེན་ཆས་དང་སྒྲིག་ཆས། རྐང་དེབ། འཕྲུལ་མི་བཅས་གསར་སྤེལ་དང་རྒྱབ་སྐྱོར། བེད་སྤྱོད་བྱེད་པའམ། ཡང་ན་བྱེད་ཐབས་གཞན་ནམ་འཕེལ་རིམ་གཞན་(དེའི་ནང་དུ་འགོས་འབུའི་མཉེན་ཆས་དང་ཉལ་ཆས་ཀྱི་བསྒར་ཆས། སམ་ཡང་ན་དེ་མིན་གྱི་ལག་རྩལ་དང་ལས་ཀ་གཞན་དག་སོགས་ཚུད་པ)གསར་སྤེལ་དང་རྒྱབ་སྐྱོར་བྱེད་པའམ་ཡང་ན་བེད་སྤྱོད་བྱས་ནས་ཞབས་ཞུ་དེ་ཉིད་རག་ཐབས་བྱེད་པ། ཡང་ན་བྱ་ཐབས་གཞན་སྤྱད་དེ་རང་གི་ཞབས་ཞུའི་ཁྲོད་སྤྱོད་མཁན་གྱི་ཆ་འཕྲིན་དང་དེ་བཞིན་གཞི་གྲངས་གཞན་དག་འདྲ་བཟོ་བྱེད་པ།
(12) ཧྭ་ཝེ་ཡིས་སྔོན་ལ་ཡིག་ཐོག་ནས་ཆོག་མཆན་མ་ཐོབ་པར་ཞབས་ཞུ་འདི་ཚོང་ལས་ཀྱི་སྤྱོད་སྒོར་སྤྱོད་པ།
(13) ཞབས་ཞུ་འདི་སྤྱད་ནས་ཁྲིམས་འགལ་གྱི་ཚོང་ལས་ཉོ་ཚོང་གང་རུང་བྱེད་པ། དཔེར་ན་དམག་ཆས་དང་དུག་རྫས། ཁྲིམས་འགལ་དངོས་རྫས། རྐུ་སྐྲུན་མཉེན་ཆས་སམ་བཀག་སྡོམ་དངོས་རྫས་གཞན་དག་ལྐོག་འཚོང་བྱེད་པ།
(14) རྒྱན་འགྱེད་ཀྱི་ཆ་འཕྲིན་མཁོ་འདོན་བྱེད་པའམ་ཡང་ན་བྱ་ཐབས་གང་རུང་སྤྱད་ནས་མི་གཞན་གྱི་རྒྱན་འཛུགས་ལ་མགོ་སྐོར་གཏོང་བ།
(15) མི་གཞན་གྱིས་ཆ་འཕྲིན་ཐོ་འགོད་བྱེད་པའམ་ཡང་ན་མི་གཞན་ལ་བཅར་འདྲི་བྱེད་པའི་རྩིས་ཐོ།
(16) ནག་དངུལ་གཙང་སྒྱུར་དང་དངུལ་སྨར་ཧམ་ལེན་ནམ་བརྒྱུད་འཚོང་གི་བྱེད་སྒོར་ཞུགས་པ།
(17) གྲོས་མཐུན་འདི་དང་རྒྱབ་འགལ་བྱེད་རྩིས་བྱེད་པ།(ཡང་ན་དེ་ལས་ཆ་ཤས་གང་རུང་།) ཡང་ན་བྱ་སྤྱོད་དེ་རིགས་ལ་སྐུལ་འདེད་དང་ངན་སྐུལ་བྱེད་པ།
(18) ཞབས་ཞུ་འདི་སྤྱོད་སྐབས་ཞབས་ཞུ་དང་ཧྭ་ཝེའི་མ་ལག་གམ་དེའི་བདེ་འཇགས་ལ་གནོད་འཚེ་གཏོང་བ་དང་། ཡང་ན་དེའི་ཐེག་ཚད་ལས་བརྒལ་བ། བེད་སྤྱོད་བྱེད་མཁན་གཞན་ནམ་ཡང་ན་ཕྱོགས་གཞན་གང་རུང་གི་གློག་ཀླད་མ་ལག་ལ་འགོག་རྐྱེན་བཟོ་བ། དབང་ཆ་སྤྲད་མེད་པའི་འཚམས་འདྲིའི་ཞབས་ཞུ་དང་ཧྭ་ཝེའི་ནང་དོན།(མཚན་ཉིད་འོག་ཏུ་གསལ།)ཡང་ན་གཞི་གྲངས་ལ་བཙན་འཛུལ་བྱེད་པ།
9. ཧྭ་ཝེའི་ནང་དོན་བེད་སྤྱོད།
ཧྭ་ཝེ་དང་། ཡང་ན་ཧྭ་ཝེ་ལ་ཆོག་མཆན་སྤྲོད་མཁན་གྱིས་ཞབས་ཞུ་འདིའམ་ཞབས་ཞུ་འདི་བརྒྱུད་ནས་ཐོབ་པའི་ཆ་འཕྲིན་ཚང་མ་གཞིར་བཟུང་ནས། (རྣམ་པ་གང་རུང་ཞིག་གི་ཐོག་ནས་མངོན་རུང་། འདིའི་ནང་དུ་ཡིག་གཞི་དང་། འདྲ་པར། བརྙན་ཟློས། སྒྲ་ཟློས་བཅས་ཚུད་ཡོད་ལ་དེས་མི་ཚད།) རི་མོ་དང་། པར་རིས། ཉེར་སྤྱོད། འཆར་འགོད། མཉེས་ཆས། མ་གཞུང་། བྱ་རིམ། པར་དབང་། ཚོང་རྟགས། ཚོང་ཁང་། མཚོན་རྟགས། དེ་མིན་གྱི་དཔྱད་གཞི་དང་ཞབས་ཞུ། གོང་བརྗོད་ནང་དོན་གི་ཕྱི་དབྱིབས་དང་ཉམས་ཞིབ་བཅས་ (གཤམ་ལ་མཉམ་དུ་ཧྭ་ཝེའི་ནང་དོན་ཞེས་འབོད་རྒྱུ་) ཀྱིས་དབང་ཆ་བདག་དབང་དང་ཁེ་དབང་ཚང་མ་ཉར་ཚགས་བྱེད། ཁྱེད་ཀྱིས་ཡིད་གཟབ་བྱ་དགོས་པ་སྟེ། ཧྭ་ཝེའི་ནང་དོན་ནི་རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་རྒྱལ་སྤྱིའི་ཆིངས་ཡིག་གཞིར་བཟུང་ནས་པར་དབང་དང་། ཚོང་རྟགས་དབང་། གཞི་གྲངས་མཛོད་དབང་། དམིགས་བསལ་དབང་ཆ་དང་དེ་མིན་གྱི་ཤེས་བྱའི་ཐོན་དབང་དང་བཟོ་ལས་ཐོན་དབང་གི་འབྲེལ་ཡོད་བཅའ་ཁྲིམས་ཀྱི་སྲུང་སྐྱོབ་ཐོབ། གྲོས་མཐུན་འདིར་གཏན་འབེབས་གཞན་པ་ཡོད་པ་མ་གཏོགས། ཁྱེད་ཀྱིས་ཞབས་ཞུ་འདི་ལ་ལྟ་སྤྱོད་དང་ཡང་ན་བེད་སྤྱོད་བྱེད་པས་ཞབས་ཞུ་འདིའམ་འདིའི་ནང་གི་ནང་དོན་གྱི་བདག་དབང་ངམ་ཁེ་དབང་གཞན་པ་གང་རུང་ཁྱེད་ཡང་ན་མི་གཞན་པ་གང་རུང་ལ་བརྒྱུད་སྤོ་བྱེད་པར་མི་བརྩི།
ཁྱེད་ཀྱིས་བྱེད་ཐབས་གང་རུང་བརྒྱུད་དེ་ཧྭ་ཝེའི་ནང་དོན་ལ་བཟོ་བཅོས་དང་འདྲ་བཤུ། བསྡུ་ལེན། དག་བཅོས་སམ་ཁ་སྣོན་བྱེད་མི་ཆོག་ཅིང་། ཕྱིར་ཚོང་དང་འདྲ་བཤུ། ཁྱབ་བརྡལ། ཆོག་མཆན་བཀོད་པའམ་གང་འདོད་དུ་ཧྭ་ཝེའི་ནང་དོན་བེད་སྤྱོད་མི་ཆོག གལ་ཏེ་ཁྱེད་ཀྱིས་ཧྭ་ཝེའི་ནང་དོན་བསྐྱར་དུ་ཁྱབ་སྤེལ་དང་ལེན་པ། འདྲ་བཤུ། བརྒྱུད་བསྒྲགས་སམ་དེ་མིན་གྱི་བྱ་ཐབས་སྤྱོད་དགོས་ན། ངེས་པར་དུ་སྔ་ནུར་དུ་ཧྭ་ཝེ་དང་འབྲེལ་བ་དགོས་པ་མ་ཟད་ཧྭ་ཝེའི་དོན་སྒྲུབ་ཀྱི་ཡིག་ཐོག་ཆོག་མཆན་རག་པ་བྱེད་དགོས། གྲོས་མཐུན་འདིས་གསལ་པོར་གསལ་བཤད་བྱས་པའི་གནས་ཚུལ་ཕུད། འདིས་ཁྱེད་ཀྱིས་འོས་འཚམ་གྱི་བཙན་ཐབས་བཅའ་ཁྲིམས་ལྟར་ཡོད་པའི་དབང་ཆ་གང་ལའང་ཤུགས་རྐྱེན་མི་ཐེབས།
10. ཞབས་ཞུ་འདི་ལ་ལྟ་རྟོག
ཁྱེད་ཀྱིས་བསམ་ཤེས་བྱེད་དགོས་རྒྱུར། ཁྱེད་ (ཡང་ན་མི་གཞན་གང་རུང་ཞིག་) ཀྱིས་ཞབས་ཞུ་འདི་ལ་ལྟ་སྤྱོད་དམ་བེད་སྤྱོད་བྱེད་པ་དེ་གྲོས་མཐུན་འདི་ལས་འགལ་མིན་ང་ཚོར་ཁག་ཐེག་བྱ་རྒྱུའི་འོས་འགན་མེད། འོན་ཀྱང་ང་ཚོར་ཚོང་གཉེར་དང་ཞབས་ཞུ་འདི་ལེགས་བཅོས་བྱ་རྒྱུའི་དམིགས་ཡུལ་ (དེའི་ནང་དུ་གཡོ་ཁྲམ་འགོག་ཟོན་དང་ཉེན་ཁར་དཔྱད་དཔོགབརྟག་དཔྱད་དང་མཁོ་མཁན་གྱི་རྒྱབ་སྐྱོར་བཅས་ཚུད་ཡོད་དེས་མི་ཚད།) ལ་གཞིགས་ནས་བྱ་ཐབས་སྤེལ་བའི་དབང་ཆ་ཡོད། དེ་ནི་ཁྱེད་རང་གིས་གྲོས་མཐུན་འདི་དང་སྤྱད་འཐུས་བཅའ་ཁྲིམས། ཡང་ན་ཁྲིམས་ཁང་དང་སྲིད་རྒྱ། སྲིད་འཛིན་ལས་ཁུངས་སམ་དེ་མིན་གྱི་སྲིད་གཞུང་ལས་ཁུངས་ཀྱི་བཀའ་རྒྱའམ་བླང་བྱར་བརྩི་སྲུང་ཞུ་བ་ཁག་ཐེག་བྱ་དགོས། ང་ཚོ་ལ་དུས་གང་རུང་དུ་ཁྱེད་ཀྱི་ནང་དོན་འོས་འཚམ་ཡིན་མིན་དང་གྲོས་མཐུན་འདི་དང་འགལ་མིན་ཞིབ་ལྟ་བྱེད་པའི་དབང་ཆ་ཡོད། གལ་ཏེ་ང་ཚོས་ཁྱེད་ཀྱི་ནང་དོན་གྲོས་མཐུན་འདི་དང་འགལ་བའམ་ཕྱོགས་གཞན་གྱི་ཐད་ལ་མི་གཞན་ཞེ་ལོག་ཏུ་བཅུག་པ་ཤེས་རྟོགས་བྱུང་ཚེ། ང་ཚོས་སྔོན་དུ་བརྡ་ཐོ་མ་གཏོང་བའི་གནས་ཚུལ་འོགག་དུས་ཡིན་རུང་བབ་བསྟུན་གྱི་ཐོག་ནས་ཁྱེད་ཀྱི་ནང་དོན་ལ་གྲ་སྒྲིག་འདྲི་གཅོད། གནས་སྤོ། དང་ལེན་མི་བྱེད་པ། དག་བཅོས་དང་ཡང་ན་སྤོ་སྒྱུར་བཅས་བྱེད་དབང་ཡོད།
ཞབས་ཞུ་འདི་སྤྱོད་མཁན་གྱིས་ཀྲུང་གོའི་སྐམ་ས་ཆེན་པོའི་ཁྱབ་ཁོངས་ཁོ་ནར་ཤར་གཏོང་བྱས་ཏེ་བཀོལ་སྤྱོད་བྱེད་པ་ཡིན། གལ་ཏེ་ཁྱེད་ཀྱིས་ཀྲུང་གོའི་སྐམ་ས་ཆེན་པོའི་ས་ཁུལ་ཕན་ཆད་ནས་ཀྲུང་གོའི་སྐམ་ས་ཆེན་པོའི་ས་ཁུལ་གྱི་དྲ་བའམ་སྒྲིག་ཆས་སོགས་བཀོལ་བ་ཡིན་ཚེ། འབྲེལ་ཡོད་ཀྱི་ཞབས་ཞུ་བཀོལ་སྤྱོད་དམ་ཐོབ་ཐབས་བྲལ། སྔོན་མར་བརྗོད་པའི་རྒྱུ་མཚན་ནམ་རྒྱུ་མཚན་གཞན་གྱི་དབང་གིས་སྤྱོད་མཁན་གྱིས་འབྲེལ་ཡོད་ཞབས་ཞུ་ཉམས་སུ་མྱོང་མ་ཐུབ་པ་ཡིན་ཚེ། ཧྭ་ཝེ་ཡིས་འགན་ཁུར་གང་ཡང་འཁུར་མི་དགོས།
11. གསང་བ་དང་གཞི་གྲངས་ཀྱི་འཚོལ་བསྡུ།
ཁྱེད་ལ་བརྟན་འཇགས་ཀྱི་ཞབས་ཞུ་མཁོ་འདོན་བྱེད་པ་དང་། ཁྱེད་ཀྱི་ཉོ་ཚོང་གི་བདེ་འཇགས་ལ་འགན་སྲུང་བྱ་ཆེད་དུ། ཧྭ་ཝེ་ཡིས་ཞབས་ཞུ་འདི་དང་འབྲེལ་ཡོད་གསང་བའི་བརྡ་ཐོ་དང་གསལ་བསྒྲགས་གཞིར་བཟུང་ནས་ཁྱེད་ཀྱི་མི་སྒེར་གྱི་ཆ་འཕྲིན་བསྡུ་རུབ་དང་ཐག་གཅོད་བྱ་སྲིད།
12. འགན་མེད་གསལ་བསྒྲགས།
ཞབས་ཞུ་འདི་ནི་ཁྱེད་མི་སྒེར་ཁོ་ནར་བེད་སྤྱོད་པར་མཁོ་འདོན་བྱས་པ་ཡིན། ཕྱོགས་གསུམ་པ་གང་རུང་གིས་བེད་སྤྱོད་པར་མཁོ་འདོན་བྱ་མི་རུང་། ཁྱེད་ཀྱིས་ཧྭ་ཝེ་དང་ཧྭ་ཝེའི་ཀུང་སི་གཙོ་གཞི་དང་ཡན་ལག་ཀུང་སི། འབྲེལ་ཡོད་ཀུང་སི། འགན་འཁུར་བ། ལས་འཛིན། ལས་མི། འགན་ལེན་ཚོང་པ། ལས་ཚབ། ཕྱོགས་གསུམ་པའི་གཏོང་སྤྲོད་ཞབས་ཞུ་མཁོ་འདོན་ཚོང་པ། མཉམ་ལས་གྲོགས་པོ། ཁས་ལེན་ཕྱོགས་དང་དཔལ་འབྱོར་ཚོང་གཉེར་བཅས་ (གཤམ་ལ་མཉམ་དུ་ཧྭ་ཝེའི་ཕྱོགས་ཞེས་འབོད་རྒྱུ་) ཀྱིས་དབང་མ་བཅོལ་བར་ཞབས་ཞུ་འདི་བེད་སྤྱོད་པའི་རྐྱེན་གྱིས་བྱུང་བའི་གྱོང་གུན་གང་རུང་ལ་འགན་གང་ཡང་མི་འཁུར་བར་མོས་མཐུན་ཡོད།
ཧྭ་ཝེ་ཕྱོགས་ཀྱིས་ཞབས་ཞུ་འདིར་སྲུང་སྐྱོང་ངམ་གཞན་གྱི་རྒྱབ་སྐྱོར་ཞབས་ཞུ་མཁོ་འདོན་མི་བྱེད། ཞབས་ཞུ་འདིས་བེད་སྤྱོད་པའི་བརྒྱུད་རིམ་ནང་ཚོད་འཛིན་མི་ཐུབ་པའི་རྐྱེན་གྱིས་དུས་མཚམས་འདིའི་རིང་ཆད་པ་དང་དུས་འགྱངས་ཀྱི་འགོག་རྐྱེན་འཕྲད་སྲིད། ཧྭ་ཝེའི་ཕྱོགས་ཀྱིས་གོང་གསལ་བར་མཚམས་ཆད་པ་དང་དུས་འགྱངས་པ། འགོག་རྐྱེན་ནམ་ལས་འཛོལ་རིགས་ཀྱི་རྐྱེན་པའི་འབྲེལ་ཡོད་རྒྱུ་མཚན་ཞུ་འབུལ་ལ་འགན་འཁྲི་ཅི་ཡང་མི་འཁུར།
ཁྱེད་རང་གནས་སའི་ཁྲིམས་འཛིན་ཁོངས་ཀྱིས་བཅའ་ཁྲིམས་ཀྱི་གཞི་རྒྱ་ཆེ་ཤོས་ནང་དུ་ཁྱེད་རང་དང་དེ་མིན་གྱི་མི་གང་རུང་ཞིག་གིས་གཤམ་གྱི་རྒྱུ་རྐྱེན་ལ་ལྟ་སྤྱོད་དང་ཞབས་ཞུ་འདི་སྤྱད་པའི་རྐྱེན་གྱིས་འགན་འཁྲི་དང་གྱོང་གུན། གནོད་འཚེ། གུན་གསབ་བཅས་འཕྲད་སྲིད་པས་ཧྭ་ཝེ་ཡིས་འགན་འཁྲི་གང་རུང་ཞིག་འཁུར་རྒྱུ་མིན་པ།
(1) ཧྭ་ཝེ་ཡིས་མ་ལག་གམ་ཡང་ན་མཉེན་ཆས་དང་མཁྲེགས་ཆས་ལ་སྲུང་སྐྱོང་ངམ་རིམ་སྤོར་བྱས་པས་ཞབས་ཞུ་བྱེད་མཚམས་འཇོག་པའམ་ཡང་ན་མཚམས་འཇོག་བྱེད་པ།
(2) ཧྭ་ཝེ་ལ་ཡོད་པའི་མ་ལག་གམ་ཡང་ན་དྲ་རྒྱའི་འཕྲིན་གཏོང་ཕྱིར་འགྱངས་སམ་ཡང་ན་སྐྱོན་བྱུང་བ།
(3) ཧྭ་ཝེ་དང་ཕྱོགས་གསུམ་པ་གང་རུང་གི་གཏོང་སྤྲོད་ཞབས་ཞུ་མཁོ་འདོན་བྱེད་མཁན་བར་གྱི་གན་རྒྱའམ་ཡང་ན་ཁ་ཆད་གཞན་དག་འཇོག་མཚམས་འཇོག་པ་དང་མེད་པར་བཟོ་བའམ་ཡང་ན་མཚམས་འཇོག་པ།
(4) མགྲོན་ནག་གིས་ཚུར་རྒོལ་བྱས་པའམ་དེ་དང་འདྲ་བའི་བདེ་འཇགས་ཀྱི་ཤུགས་རྐྱེན་གྱིས་ནོར་འཁྲུལ་དང་བར་ཆད་བཟོས་པ།
(5) ཧྭ་ཝེའི་ལུགས་མཐུན་ཚོད་འཛིན་གྱི་རྒྱུ་རྐྱེན་གཞན་དག་ལས་བརྒལ་བ།
ཞབས་ཞུ་འདི་ད་ལྟའི་གནས་བབ་དང་ད་ཡོད་ལྟར་མཁོ་འདོན་བྱེད་ཅིང་། རྣམ་པ་གང་རུང་གི་ཁག་ཐེག་དང་འཛིན་ཡིག་ཅི་ཡང་མེད། ཁྱེད་གནས་སའི་ཁྲིམས་འཛིན་མངའ་ཁོངས་ཀྱི་སྤྱད་འཐུས་བཅའ་ཁྲིམས་ཀྱིས་ཆོག་མཆན་སྤྲད་པའི་གཞི་རྒྱ་ཆེ་ཤོས་ནང་དུ། ཧྭ་ཝེ་ཕྱོགས་ཀྱིས་གཤམ་གསལ་གསལ་སྟོན་ནམ་ཟུར་བརྡ་སྟོན་པའི་འགན་ལེན་དང་ཆ་རྐྱེན་ནམ་དེ་མིན་གྱི་ཆོད་དོན་བཅས་ཀྱི་ཐད་ལ་ཁས་ལེན་བྱས་མེད། དེའི་ཆེད་ཁག་ཐེགཁས་ལེན། གསལ་བསྒྲགས་སམ་འགན་ལེན་ཅི་ཡང་བྱས་མེད།
(6) ཞབས་ཞུ་འདི་གཞིར་བཟུང་བའམ་ཡང་ན་ཞབས་ཞུ་འདི་ལས་ཐོབ་པའི་ནང་དོན་གང་རུང་ལ་གཞིགས་ནས་དུས་ལྟར་ཐོན་པའི་རང་བཞིན།
(7) ཞབས་ཞུ་འདིའི་རིགས་ཀྱི་ཞབས་ཞུའི་ཡོ་བྱད་ལ་སྐྱོན་ཆ་དང་ནོར་འཁྲུལ། ནད་དུག ཟགས་ཁུང་ངམ་གནོད་ལྡན་གཞི་རྒྱུ་གཞན་དག་ཡོད་མེད།
(8) ཞབས་ཞུ་འདིའི་ལས་གཉེར་རམ་རྩོལ་ནུས་ཐད་ཀྱི་སྐྱོན་ཆ་དག་བཅོས་བྱེད་ཐུབ་མིན།
(9) ཞབས་ཞུ་འདིའི་ཆེད་དམིགས་བྱེད་ལས་དང་འབྲེལ་བ་ཡོད་པའི་ཁག་ཐེག་དང་། ཡང་ན་ཁྱེད་ཀྱིས་ཞབས་ཞུ་འདི་བཀོལ་སྤྱོད་དམ་ཡང་ན་བཅར་འདྲི་བྱེད་སྐབས་ཐོབ་པའི་ཆ་འཕྲིན་གང་རུང་ལ་ཡིད་རྟོན་རུང་མིན་དང་། སྤུས་ཀ་དག་མིན། ཡང་དག་པ་ཡིན་མིན།
(10) ཞབས་ཞུ་འདི་བདེ་འཇགས་ཡིན་མིན།
(11) ཞབས་ཞུ་འདི་བློས་འགེལ་ཆོག་པ་དང་། སྤུས་ཀ་དག་པ། གནད་ལ་འཁེལ་བ། སྤྱོད་ཆོག་པའམ་ཡང་ན་ཁྱེད་ཀྱི་དགོས་མཁོ་སྐོང་ཐུབ་པ། དམིགས་བསལ་གྱི་འབྲས་བུ་ཐོན་ཐུབ་པའམ་ཡང་ན་དམིགས་བསལ་གྱི་འབྲས་བུ་མངོན་དུ་འགྱུར་ཐུབ་པ། དེ་དག་ཚང་མ་སམ་ཁག་ཅིག་སྒྱིད་ལུགས་དང་བེད་སྤྱོད་སམ་ཞབས་ཞུ་འདིས་ཁྱེད་(ཡང་ན་མི་གཞན་གང་རུང་)ལ་ལྟ་སྤྱོད་དང་ཞབས་ཞུ་བེད་སྤྱོད་ལ་ཐོབ་པའི་ཆ་འཕྲིན་གྱིས་རྐྱེན་པའི་གྱོང་གུན་དང་གནོད་འཚེ་འགྲེལ་བཤད་ཐུབ་པར་ཧྭ་ཝེ་ཡིས་འགན་འཁྲི་གང་ཡང་འཁུར་རྒྱུ་མིན།
རྒྱལ་ཁབ་ཁ་ཤས་ཀྱི་བཅའ་ཁྲིམས་ཀྱིས་གན་རྒྱའི་ནང་དུ་འགན་ལེན་ཁག་ཐེག་གམ་འོས་འགན་རྐྱེན་སེལ་ལམ་བཀག་སྡོམ་བྱེད་མི་ཆོག གལ་ཏེ་བཅའ་ཁྲིམས་འདི་ཚོ་ཁྱེད་ལ་སྤྱད་འཐུས་ཡིན་ཚེ། གོང་བརྗོད་རྐྱེན་སེལ་ལམ་བཀག་སྡོམ་གྱི་དོན་ཚན་ཆ་ཚང་ངམ་ཁ་ཤས་ཁྱེད་དང་འཚམ་མཐུན་མེད་སྲིད། ཁྱེད་ལ་དེ་ལས་ལྷག་པའི་ཁེ་དབང་ཡོད། གྲོས་མཐུན་འདིའི་ནང་གི་ནང་དོན་གང་རུང་གིས་ཁྱེད་འཛད་སྤྱོད་པ་ཞིག་ཡིན་པའི་ཆ་ནས་ལོངས་སུ་སྤྱོད་ཆོག་པའི་ཁྲིམས་མཐུན་ཁེ་དབང་ལ་ཤུགས་རྐྱེན་མི་ཐེབས་ཚེ། ཁྱེད་ཀྱིས་ཀྱང་གན་རྒྱ་འདིར་མོས་མཐུན་བྱེད་པ་བརྒྱུད་ནས་ཁེ་དབང་འདི་དག་འགྱུར་བའམ་འདོར་ཐབས་མེད།
13. འོས་འགན་ཚོད་འཛིན།
ཁྱེད་གནས་སའི་ཁྲིམས་འཛིན་མངའ་ཁོངས་ཀྱི་སྤྱད་འཐུས་བཅའ་ཁྲིམས་ཀྱིས་ཆོག་མཆན་སྤྲད་པའི་གཞི་རྒྱ་ཆེ་ཤོས་ནང་དུ། ཁྱེད་ཀྱིས་ཞབས་ཞུ་འདིར་ལྟ་སྤྱོད་དང་བེད་སྤྱོད་བྱེད་སྐབས་འཕྲད་སྲིད་པའི་ཉེན་ཁའི་འགན་འཁུར་རྒྱུ། ཧྭ་ཝེའི་ཕྱོགས་ཀྱིས་ཁ་གསལ་པོར་གཤམ་གྱི་གནས་ཚུལ་གྱི་རྐྱེན་གྱིས་ཁྱེད་དམ་མི་གཞན་གང་རུང་ཞིག་ལ་བཟོས་པའི་འགན་འཁྲི་དང་གྱོང་གུན་ནམ་གནོད་འཚེ་བཅས་སེལ་ཐབས་བྱེདགན་རྒྱ་གཞིར་བཟུང་པའམ་ཁེ་དབང་ལ་གནོད་འཚེ་གཏོང་བ་ (དེའི་ནང་དུ་ལས་འཛོལ་གྱི་ཁེ་དབང་ལ་གནོད་འཚེ་གཏོང་བ་ཡང་ཚུད་ཡོད།) ཡང་ན་གཞན་གྱི་གཞི་འཛིན་ས་གང་འདྲ་ཞིག་ཡིན་རུང་།
(1) ཁེ་སྤོགས་ཀྱི་གྱོང་གུན་དང་ཡོང་འབབ་ཀྱི་གྱོང་གུན། ཁེ་ཕན་གྱི་གྱོང་གུན། གཞི་གྲངས་བོར་བརླག་གམ་ཚོང་ལས་ཀྱི་མཚན་སྙན་གྱི་གྱོང་གུན།
(2) དམིགས་བསལ་དང་བར་བརྒྱུད་དམ་ཡང་ན་མཆེད་སྐྱེས་རང་བཞིན་གྱི་གྱོང་གུན་ནམ་གནོད་སྐྱོན། ཧྭ་ཝེ་ཡིས་གོང་བརྗོད་གྱོང་གུན་ཕོག་པ་ཤེས་རྟོགས་བྱུང་ཡོད་མེད་དམ་གོང་བརྗོད་གྱོང་གུན་ཕོག་པའི་སྒྲུབ་ཚད་ཚོར་ཡིད་མེད་གང་འདྲ་ཡིན་རུང་། གྲོས་མཐུན་འདིའི་ནང་གི་བཀག་སྡོམ་དང་རྐྱེན་སེལ་དོན་ཚན་ཚང་མ་སྤྱོད་གོ་ཆོད།
ཁྱེད་ཀྱིས་དུས་ག་དུས་ཡིན་རུང་། ཞབས་ཞུ་འདིའི་ཕྱོགས་གང་ཅིའི་ཐད་བློ་ལ་མ་བབ་ཚེ། ཁྱེད་ཀྱི་དབུལ་སྐྱོབ་བྱ་ཐབས་འབའ་ཞིག་ནི་ཞབས་ཞུ་འདི་ལྟ་སྤྱོད་དང་བེད་སྤྱོད་མཚམས་འཇོག་རྒྱུ་དེ་ཡིན། གོང་བརྗོད་ཚད་བཀག་ལ་ཤུགས་རྐྱེན་མི་ཐེབས་པའི་གནས་ཚུལ་འོག་ཏུ། ཁྱེད་གནས་སའི་ཁྲིམས་འཛིན་མངའ་ཁོངས་ཀྱི་སྤྱད་འཐུས་བཅའ་ཁྲིམས་ཀྱིས་ཆོག་མཆན་སྤྲད་པའི་གཞི་རྒྱ་ཆེ་ཤོས་ཀྱི་ནང་དུ། གན་རྒྱ་དང་། ཁེ་དབང་ལ་གནོད་འཚེ་གཏོང་བ་ (དེའི་ནང་དུ་ལས་འཛོལ་གྱི་ཁེ་དབང་ལ་གནོད་འཚེ་གཏོང་བ་ཚུད་ཡོད།) དེ་མིན་གཞི་འཛིན་ས་གང་རུང་ལ་གཞིར་བཟུང་བ་ཡིན་རུང་། ཧྭ་ཝེའི་ཕྱོགས་ཀྱིས་ཁྱེད་དམ་མི་གཞན་གང་རུང་ལ་བྱེད་པའི་རེ་བ་དག་འབུལ། གཏུག་བཤེར། འགན་འཁྲི། འོས་འགན། གནོད་འཚེ། གྱོང་གུན། མ་གནས་ཀྱི་བརྩི་བའི་འོས་འགན་དེ་ཁྱེད་ནས་ཞབས་ཞུ་འདི་བེད་སྤྱོད་པར་གཏོང་སྤྲོད་བྱེད་པའི་རིན་གོང་ལས་མི་བརྒལ། ཁྱེད་ཀྱིས་གྲོས་མཐུན་འདིའི་ནང་གི་འགན་མེད་གསལ་བསྒྲགས་དང་འོས་འགན་བཀག་སྡོམ་གྱི་དྲང་སྙོམས་དང་ལུགས་མཐུན་ལ་བསམ་ཤེས་དང་མོས་མཐུན་བྱ་དགོས།
རྒྱལ་ཁབ་ཁ་ཤས་ཀྱི་བཅའ་ཁྲིམས་ཀྱིས་གན་རྒྱའི་ནང་དུ་འགན་ལེན་ཁག་ཐེག་གམ་འོས་འགན་རྐྱེན་སེལ་ལམ་བཀག་སྡོམ་བྱེད་མི་ཆོག གལ་ཏེ་བཅའ་ཁྲིམས་འདི་ཚོ་ཁྱེད་ལ་སྤྱད་འཐུས་ཡིན་ཚེ། གོང་བརྗོད་རྐྱེན་སེལ་ལམ་བཀག་སྡོམ་གྱི་དོན་ཚན་ཆ་ཚང་ངམ་ཁ་ཤས་ཁྱེད་དང་འཚམ་མཐུན་མེད་སྲིད། ཁྱེད་ལ་དེ་ལས་ལྷག་པའི་ཁེ་དབང་ཡོད། གྲོས་མཐུན་འདིའི་ནང་གི་ནང་དོན་གང་རུང་གིས་ཁྱེད་འཛད་སྤྱོད་པ་ཞིག་ཡིན་པའི་ཆ་ནས་ལོངས་སུ་སྤྱོད་ཆོག་པའི་ཁྲིམས་མཐུན་ཁེ་དབང་ལ་ཤུགས་རྐྱེན་མི་ཐེབས་ཚེ། ཁྱེད་ཀྱིས་ཀྱང་གན་རྒྱ་འདིར་མོས་མཐུན་བྱེད་པ་བརྒྱུད་ནས་ཁེ་དབང་འདི་དག་འགྱུར་བའམ་འདོར་ཐབས་མེད།
14. སྐྱིན་གསབ།
ཁྱེད་གནས་སའི་ཁྲིམས་འཛིན་མངའ་ཁོངས་ཀྱི་སྤྱད་འཐུས་བཅའ་ཁྲིམས་ཀྱིས་ཆོག་མཆན་སྤྲད་པའི་གཞི་རྒྱ་ཆེ་ཤོས་ནང་དུ། ཁྱེད་ཀྱིས་ཧྭ་ཝེའི་ཕྱོགས་གཤམ་གསལ་ནང་དོན་གྱིས་རྐྱེན་གྱིས་བྱུང་བའི་འབྲེལ་ཡོད་རྒྱུ་མཚན་ཞུ་འབུལ་གཏུག་བཤེར་རམ་ཁྲིམས་སྦྱོར་གྱི་གནོད་འཚེ་མི་ཕོག་པར་བྱ་དགོས་ཏེ།
(1) ཁྱེད་ཀྱི་ནང་དོན།
(2) ཁྱེད་ཀྱིས་ཞབས་ཞུ་འདི་བཀོལ་སྤྱོད་བྱེད་པ།
(3) ཁྱེད་ཀྱིས་གྲོས་མཐུན་འདི་དང་འགལ་བའམ་སྤྱོད་གོ་ཆོད་པའི་མཐའ་མའི་སྤྱོད་མཁན་གྱི་བཀའ་འཁྲོལ་གྲོས་མཐུན་ཁྲོད་ཀྱི་ཆ་ཤས་གང་རུང་ཞིག
(4) ཁྱེད་ཀྱིས་ཕྱོགས་གསུམ་པའི་ཤེས་བྱའི་ཐོན་དངོས་བདག་དབང་ལ་གནོད་འཚེ་བཏང་བའམ་ཡང་ན་ཁེ་དབང་གཞན་དག
(5) མི་སུ་འདྲ་ཞིག་ཡིན་རུང་ཁྱེད་ཀྱི་ཧྭ་ཝེའི་ཐོ་ཨང་གི་ཨང་གྲངས་སྤྱད་དེ་ལག་བསྟར་བྱས་པའི་རིགས་འདྲའི་བྱ་སྤྱོད་དམ་གོང་གསལ་གྱི་ནང་དོན་དང་འགལ་བ།
དེའི་ནང་དུ་རྒྱུ་མཚན་ཞུ་འབུལ། གཏུག་བཤེར་རམ་ཁྲིམས་སྦྱོར་ (དེའི་ནང་དུ་ལས་འཛོལ་གྱིས་རྐྱེན་པས་བྱུང་བའི་རྒྱུ་མཚན་ཞུ་འབུལ་གང་རུང་ཞིག་ཚུད་ཡོད།) བཅས་ཀྱི་ནང་བཟོས་པའི་འགན་འཁྲི། གནོད་སྐྱོན། གྲོན་དངུལ། གཏུག་བཤེར་གྱི་རིན་པ་དེ་བཞིན་ཁྲིམས་རྩོད་པའི་རིན་པ་བཅས་ཚུད་ཡོད།
ཁྱེད་ཀྱིས་ཧྭ་ཝེའི་ཕྱོགས་གང་རུང་ཞིག་གིས་ལུགས་མཐུན་གྱི་རེ་བ་འདོན་དུས། འཕྲལ་དུ་ནུས་པ་གང་ཡོད་ཀྱིས་འདིའི་གོང་བརྗོད་གྱོང་གསབ་ལེན་པའི་རེ་ཞུའམ་རེ་བ་དག་འབུད་བྱ་རྒྱུའི་ཁག་ཐེག་བྱེད་པ་མ་ཟད་མོས་མཐུན་བྱེད་དགོས། ཧྭ་ཝེ་ཡིས་རང་ཉིད་ཀྱིས་རིན་སྤྲོད་དེ་ཁྱེད་ཀྱིས་གྱོང་གུན་ཁ་གསབ་ཀྱི་བྱ་བར་གཅིག་པུར་དག་འབུད་བྱེད་པ་མ་ཟད་དབང་ཆ་ཆ་ཚང་ལ་ཚོད་འཛིན་བྱེད་པའི་དབང་ཆ་ཡོད།
15. ཁྱེད་ཀྱིས་མཚམས་འཇོག་པ།
ཁྱེད་ཀྱིས་ཐོ་ཨང་སྒྲིག་འགོད་དམ་ཞབས་ཞུ་འདི་བེད་སྤྱོད་བྱེད་མཚམས་བཞག་ནས་ཁྱེད་ཀྱི་ཐོ་ཨང་མཚམས་བཞག་ཆོག
16. ཧྭ་ཝེ་ཡིས་མཚམས་འཇོག་པའམ་བར་མཚམས་འཇོག་པ།
ང་ཚོས་སྤྱད་འཐུས་ཀྱི་བཅའ་ཁྲིམས་གཞིར་བཟུང་། ག་དུས་ཡིན་རུང་ཁྱེད་ཀྱི་ཞབས་ཞུ་འདིའི་ཆ་ཚང་ངམ་ཁ་ཤས་ལ་གནས་སྐབས་རང་བཞིན་ནམ་ཡུན་རིང་རང་བཞིན་ཐོག་བར་མཚམས་འཇོག་པ། རྩིད་མེད་དུ་གཏོང་བའམ་ཚད་བཀག་བཟོ་སྲིད། མི་སྒེར་དང་ཕྱོགས་གསུམ་པ་གང་ཞིག་ལ་འགན་འཁྲི་མི་འཁུར། ང་ཚོས་གོང་བརྗོད་ཀྱི་བྱ་སྤྱོད་མ་སྤེལ་གོང་དུ་ནུས་ཤུགས་ཡོད་རྒུས་ཁྱེད་ལ་བརྡ་ཐོ་གཏོང་རྒྱུ་ཡིན། འོན་ཀྱང་གཤམ་གྱི་དོན་ཚན་ཐོན་ཚེ། ང་ཚོས་ཁྱེད་རང་ལ་བརྡ་ཐོ་མ་བཏང་བའི་གནས་ཚུལ་འོག་འཕྲལ་དུ་གནས་སྐབས་རང་བཞིན་དང་ཡུན་རིང་རང་བཞིན་གྱིས་ཁྱེད་ཀྱི་ཞབས་ཞུ་འདིའི་ཚང་མའམ་ཁག་གཅིག་ལྟ་སྤྱོད་བྱེད་མཚམས་འཇོག་པ་དང་རྩིས་མེད་གཏོང་བ། དེ་བཞིན་ཚད་བཀག་བཟོ་ངེས་རེད།
(1) ཁྱེད་ཀྱིས་གྲོས་མཐུན་འདི་དང་འགལ་བའམ་ཡང་ན་ཧྭ་ཝེའི་བསམ་པར་ཁྱེད་ཀྱིས་གྲོས་ཆོད་འདི་དང་འགལ་བར་འདོད་པའི་རྒྱུ་མཚན་ཡོད་པ། དེའི་ནང་ཁ་ཆད་དང་སྲིད་ཇུས་སམ་ཕྱོགས་སྟོན་གང་རུང་འདུས།
(2) ཁྱེད་རང་ངམ་ཡང་ན་ཁྱེད་ཀྱི་ཚབ་བྱས་ནས་བྱ་བ་སྒྲུབ་པའི་མི་གང་རུང་ཞིག་གིས་མགོ་སྐོར་གཡོ་འཕྲུལ་དང་ཁྲིམས་འགལ་གྱི་བྱ་འགུལ་སྤེལ་བ། ཡང་ན་ཧྭ་ཝེ་ལ་རྫུན་མའམ་ལོག་སྟོན་གྱི་ཆ་འཕྲིན་འདོན་སྤྲོད་བྱེད་པ།
(3) ནུས་ལྡན་བཅའ་ཁྲིམས་ཀྱི་གོ་རིམ་ལྟར་ཁྲིམས་བསྟར་སྡེ་ཁག་གམ་སྲིད་གཞུང་ལས་ཁུངས་ཀྱིས་བཏོན་པའི་བླང་བྱ་དང་ལེན་བྱ་དགོས།
(4) ཛ་དྲག་གི་མ་ལག་གམ་མཁྲེགས་ཆས་སྲུང་སྐྱོང་ངམ་གསར་སྒྱུར་བྱ་བ་ལག་བསྟར་བྱེད་ཆེད།
(5) སྔོན་དཔག་བྱེད་ཐབས་བྲལ་བའི་ལག་རྩལ་དང་། བདེ་འཇགས། ལས་སྒོའི་རྒྱུ་རྐྱེན།
སྤྱོད་མཁན་གྱིས་ཞབས་ཞུ་འདིར་བྱེད་པའི་བེད་སྤྱོད་དམ་ལྟ་སྤྱོད་བྱེད་པ་ཧྭ་ཝེ་ཡིས་བར་མཚམས་འཇོག་པ། ཡོངས་སུ་རྫོགས་པའམ་ཐོ་འབུད་བཏང་ཚེ། ཧྭ་ཝེའི་ཡིག་ཐོག་མཆོག་མཆན་མེད་པར། སྤྱོད་མཁན་གྱིསཧྭ་ཝེའི་ཐོ་ཨང་་གསར་འཛུགས་བྱེད་ཐབས་བྲལ་བའམ་ཞབས་ཞུ་འདི་ལྟ་སྤྱོད་བྱེད་ཐབས་བྲལ་སྲིད།
གྲོས་མཐུན་འདི་དུས་བཀག་གཙང་བའམ་མཚམས་འཇོག་པ་ཡིས་གྲོས་མཐུན་འདིའི་ནང་གསལ་བཤད་ཁ་གསལ་བྱས་པའི་གོ་མི་ཆོད་པའམ་མཚམས་འཇོག་བྱས་རྗེས་སྔར་བཞིན་བཀོལ་སྐྱོད་བྱེད་ཐུབ་པའམ་མུ་མཐུད་ནུས་ལྡན་ཡིན་པའི་ཆ་རྐྱེན་ལ་ཤུགས་རྐྱེན་ཐེབས་མི་སྲིད་ལ། ཁེ་དབང་ངམ་འོས་འགན་ནམ་གྲོས་མཐུན་འདི་གོ་མི་ཆོད་པའམ་མཚམས་འཇོག་བྱས་རྗེས་མུ་མཐུད་དུ་གོ་ཆོད་པའི་ཁེ་དབང་ངམ་འོས་འགན་བེད་སྤྱོད་བྱ་རྒྱུར་ཤུགས་རྐྱེན་ཐེབས་མི་སྲིད།
17. ཞབས་ཞུ་འདི་ལ་བཟོ་བཅོས་བྱེད་པ།
ཧྭ་ཝེ་ཡིས་སྔ་ཕྱི་བར་གསུམ་དུ་ཞབས་ཞུ་འདི་གསར་སྒྱུར་དང་བཟོ་བཅོས། འཐུས་ཚང་བཟོ་བཞིན་ཡོད། ཧྭ་ཝེ་ཡིས་ཞབས་ཞུ་འདིའི་རྩོལ་ནུས་སམ་གཤིས་ནུས་སུབ་པའམ་མང་དུ་གཏོང་སྲིད། ཞབས་ཞུ་གཞན་དག་ལ་ཚད་བཀག་གསར་པའམ་གནས་སྐབས་མཚམས་འཇོག་པ། ཡང་ན་ཡུན་རིང་མཚམས་འཇོག་བྱ་རྒྱུར་སྒྲིག་འགོད་བྱེད།
གལ་ཏེ་ཞབས་ཞུ་འདིའི་བཟོ་བཅོས་ཀྱིས་སྤྱོད་མཁན་ལ་ཤུགས་རྐྱེན་ཚབས་ཆེན་ཐེབས་པའམ་ཞབས་ཞུ་འདིར་ལྟ་སྤྱོད་དང་བེད་སྤྱོད་པར་བཀག་སྡོམ་ཚབས་ཆེན་བྱེད་ཚེ། ང་ཚོས་འགྱུར་ལྡོག་མ་གཏོང་གོང་དུ་ལུགས་མཐུན་གྱི་དུས་ཚོད་ནང་དུ་ཁྱེད་ལ་བརྡ་ཐོ་གཏོང་། ཡིན་ནའང་གལ་ཏེ་གྲོས་མཐུན་འདི་འམ་ཞབས་ཞུ་འདིའི་བཟོ་བཅོས་ཀྱིས་སྤྱོད་མཁན་ལ་ཤུགས་རྐྱེན་ཚབས་ཆེན་ཐེབས་པའམ་ཞབས་ཞུ་འདིར་ལྟ་སྤྱོད་དང་བེད་སྤྱོད་པར་བཀག་སྡོམ་ཚབས་ཆེན་བྱེད་ཚེ། ང་ཚོས་སྔ་ནུར་དུ་ཁྱེད་ལ་བརྡ་ཐོ་མི་གཏོང་། བདེ་འཇགས། བཅའ་ཁྲིམས་སམ་ལྟ་སྐུལ་དོ་དམ་གྱི་རེ་བ་སྐོང་ཆེད། ཞབས་ཞུ་འདིར་བཟོ་བཅོས་རྒྱག་པ། ང་ཚོས་གོང་བརྗོད་དུས་ཚོད་ཀྱི་རེ་བ་སྐོང་ཐབས་བྲལ། འོན་ཀྱང་ང་ཚོས་ཁྱེད་ལ་གང་མགྱོགས་བརྡ་ཐོ་གཏོང་སྲིད།
18. གྲོས་མཐུན་འདི་ལ་བཟོ་བཅོས།
ང་ཚོས་དུས་ངེས་མེད་དུ་གྲོས་མཐུན་འདིར་དག་བཅོས་བྱ་རྒྱུ་མ་ཟད་ང་ཚོའི་ཞབས་ཞུ་ཡོངས་དང་ཁག་གཅིག་གམ་ཁག་ཚང་མར་ནུས་ལྡན་གྱི་ཞིབ་ཕྲའི་དོན་ཚན་དང་བྱ་སྤྱོད་ཀྱི་སྲོལ་ཡིག་གམ་ཕྱོགས་སྟོན་ཁྱབ་བསྒྲགས་བྱེད། གྲོས་མཐུན་འདིའི་ཆེས་གསར་ཤོས་ཀྱི་པར་གཞི་ཞབས་ཞུ་འདིའི་ནང་ཁྱབ་སྤེལ་བྱ་སྲིད། ཁྱེད་རང་གིས་གཏན་འཁེལ་དུས་ཚོད་ནང་ཆེས་གསར་ཤོས་ཀྱི་པར་གཞིར་ཞིབ་བཤེར་བྱེད་དགོས། གང་ཡིན་ཟེར་ན་ཆེས་གསར་ཤོས་ཀྱི་པར་གཞི་དེ་སྤྱོད་གོ་ཆོད།
གལ་སྲིད་ཁྱེད་རང་གི་ཁེ་དབང་དང་འོས་འགན་ལ་གནོད་པའི་བཟོ་བཅོས་བྱས་ཡོད་ཚེ། ང་ཚོས་ལུགས་མཐུན་གྱི་བྱ་ཐབས་ཐོག་ནས་ཁྱེད་རང་ལ་བརྡ་ཐོ་གཏོང་སྲིད། གོང་བརྗོད་བྱ་ཐབས་ནང་ཞབས་ཞུ་འདི་འམ་གློག་རྡུལ་སྦྲག་ཡིག་བརྒྱུད་ནས་བརྡ་ཐོ་ཁྱབ་བསྒྲགས་བྱེད་པ་ཚུད་ཡོད། བདེ་འཇགས་དང་བཅའ་ཁྲིམས་སམ་ལྟ་སྐུལ་དོ་དམ་གྱི་རེ་བ་སྐོང་ཆེད། གྲོས་མཐུན་འདིར་བཟོ་བཅོས་རྒྱག་པ། ང་ཚོས་གོང་བརྗོད་ཀྱི་སྔོན་བརྡའི་དུས་ཚོད་ཀྱི་རེ་བ་སྐོང་ཐབས་བྲལ། འོན་ཀྱང་ང་ཚོས་ཁྱེད་ལ་གང་མགྱོགས་ངང་བརྡ་ཐོ་གཏོང་སྲིད།
གལ་ཏེ་ཁྱེད་ཀྱིས་དག་བཅོས་བྱས་རྗེས། མུ་མཐུད་དུ་ཞབས་ཞུ་འདི་བེད་སྤྱོད་བྱས་ཚེ། ཁྱེད་ཀྱིས་གོང་བརྗོད་དག་བཅོས་དང་ལེན་བྱས་པ་མཚོན། གལ་ཏེ་ཁྱེད་ཀྱིས་འདིའི་རིགས་ཀྱི་དག་བཅོས་དང་ལེན་མི་བྱེད་ཚེ། ཁྱེད་ཀྱིས་འཕྲལ་དུ་ཞབས་ཞུ་འདི་བེད་སྤྱོད་བྱེད་མཚམས་འཇོག་ནས། ཁྱེད་དང་ཧྭ་ཝེའི་བར་གྱི་གན་རྒྱ་མཇུག་སྒྲིལ་ཆོག ཁྱེད་ཀྱིས་གྲོས་མཐུན་འདི་ལ་དག་བཅོས་དང་འགྱུར་ལྡོགབཟོ་བཅོས་གང་ཞིག་བྱེད་ཀྱང་། ཧྭ་ཝེ་ལ་བཅའ་ཁྲིམས་ཀྱི་གཅུན་ནུས་མི་ལྡན།
19. སྤྱིར་བཏང་གི་དོན་ཚན།
གྲོས་མཐུན་འདི་དང་འདྲེན་པའི་ཡིག་ཚགས་གང་རུང་གིས་ཁྱེད་དང་ཧྭ་ཝེའི་བར་དུ། ཁྱེད་ཀྱིས་ཞབས་ཞུ་འདི་ལྟ་སྤྱོད་དང་བེད་སྤྱོད་བྱ་བར་གྲོས་མཐུན་ཆ་ཚང་བར་གྲུབ།
ཞབས་ཞུ་འདིའམ་ཕྱོགས་གསུམ་པས་དྲ་ཚུགས་སམ་ཐོན་ཁུངས་ཀྱི་སྦྲེལ་མཐུད་གཞན་མཁོ་འདོན་བྱ་ཡང་སྲིད། ཁྱེད་ཀྱིས་བསམ་ཤེས་དང་མོས་མཐུན་བྱེད་རྒྱུར། ང་ཚོས་འདིའི་རིགས་ཀྱི་ཕྱིའི་དྲ་ཚུགས་སམ་ཐོན་ཁུངས་ཀྱི་བེད་སྤྱོད་ཐུབ་པའི་རང་བཞིན་གྱི་འགན་འཁུར་མི་སྲིད་ལ། འདིའི་རིགས་ཀྱི་དྲ་ཚུགས་སམ་ཐོན་ཁུངས། ཡང་ན་དེ་ལས་ཐོབ་པའི་ནང་དོན་དང་བརྡ་ཁྱབ། ཐོན་རྫས་སམ་ཆ་འཕྲིན་གཞན་ལ་རྣམ་པ་གང་རུང་གི་རྒྱབ་ཡིག་མཁོ་འདོན་མི་བྱེད་ལ་དེའི་འགན་འཁྲི་གང་ཡང་འཁུར་མི་སྲིད། ཁྱེད་ཀྱིས་བསམ་ཤེས་དང་མོས་མཐུན་བྱ་རྒྱུར། ཁྱེད་ཀྱིས་གཞི་འཛིན་ས་བེད་སྤྱོད་དམ་དེར་བརྟེན་ཐབས་བྱ་བའམ་འདིའི་རིགས་ཀྱི་ཕྱིའི་དྲ་ཚུགས་སམ་ཐོན་ཁུངས་བརྒྱུད་ནས་ཐོབ་པའི་ནང་དོན། ཚོང་ཟོག་གམ་ཞབས་ཞུའི་རྐྱེན་གྱིས་བྱུང་བའམ་གསལ་བསྒྲགས་ཀྱི་རྐྱེན་གྱིས་བྱུང་བའམ་འབྲེལ་ཡོད་གནོད་སྐྱོན་ནམ་གྱོང་གུན་གང་རུང་ཞིག་གི་ཐད་ང་ཚོས་ཐད་ཀར་རམ་བར་བརྒྱུད་ཀྱི་ཐོག་ནས་འགན་འཁྲི་ཅི་ཡང་མི་འཁུར།
གྲོས་མཐུན་འདིའི་ཁྲོད་ཀྱི་འགན་མེད་གསལ་བསྒྲགས་དང་འགན་འཁྲིའི་ཚད་བཀག འགན་འཁྲི་མེད་པར་བཟོ་བ། སྐྱིན་འཇལ་དོན་ཚན་བཅས་གྲོས་མཐུན་འདི་དུས་ལས་ཡོལ་བའམ་མཚམས་འཇོག་རྗེས་སུའང་དུས་བཅད་མེད་པར་གོ་ཆོད།
གྲོས་མཐུན་འདིའི་ཁྲོད་ཀྱི་ནང་དོན་གང་རུང་ཞིག་ཀྱང་ཁྱེད་དང་ཧྭ་ཝེའི་བར་ལ་མཉམ་ལས་སམ་ལས་ཚབ་ཀྱི་འབྲེལ་བ་བཙུགས་པ་མཚོན་གྱི་མེད། ཕྱོགས་གཅིག་གིས་ཕྱོགས་གཞན་ཞིག་གི་མིང་ཐོག་གམ་ཕྱོགས་གཞན་ཞིག་གི་ཚབ་བྱེད་པ་ལས་བྱུང་བའི་འགན་འཁྲི་བུ་ལོན་ནམ་མ་གནས། ཡང་ན་གན་རྒྱ་དང་གཞན་གྱི་ཁ་ཆད་བྱེད་པའི་དབང་ཆ་མེད།
ཧྭ་ཝེའི་ལུགས་མཐུན་གྱི་ཚོད་འཛིན་ཁྱབ་ཁོངས་ཕུད་པའི་གནད་དོན་ལས་བྱུང་བའམ་ཧྭ་ཝེ་ཡིས་གྲོས་མཐུན་འདི་དང་ཞབས་ཞུ་འདིའི་ནང་གི་འོས་འགན་ལག་བསྟར་བྱེད་མ་ཐུབ་པའམ་དུས་འགྱངས་ནས་ལག་བསྟར་བྱེད་པ་དེར་ཧྭ་ཝེ་ཡིས་འགན་ཅི་ཡང་མི་འཁུར།
ཧྭ་ཝེའི་ལས་དོན་མ་སྒྲུབ་གོང་གི་ཡིག་ཐོག་ཆོག་མཆན་མ་བརྒྱུད་པར། ཁྱེད་ཀྱིས་གྲོས་མཐུན་འདིའི་ནང་གི་ཁེ་དབང་ངམ་འོས་འགན་གང་ཞིག་ནང་བཤུག་གཏོང་མི་ཆོག་ལ་རྣམ་པ་གཞན་གྱི་ཐོག་ནས་སྤོ་འགྱུར་བྱེད་མི་ཆོག ཆོག་མཆན་མེད་པར་ནང་བཤུག་གཏོང་བ་དང་སྤོ་འགྱུར་བྱེད་པ་ནུས་མེད་དུ་བརྩི། ཧྭ་ཝེ་ལ་གྲོས་མཐུན་འདིའི་འོག་གི་ཁེ་དབང་དང་ཡང་ན་འོས་འགན་ནང་བཤུག་ཁག་དབྱེ་འམ་བརྗེ་བའི་དབང་ཆ་ཡོད། ཁྱེད་ཀྱིས་དམིགས་ཡུལ་འདིར་ཞབས་ཞུ་བྱེད་པའི་དགོས་ངེས་ཀྱི་ཡིག་ཆ་གང་རུང་དང་ཆ་ཚང་འཕྲལ་དུ་ལག་ལེན་བསྟར་བར་མོས་མཐུན་བྱེད་པ།
གལ་ཏེ་ཁྱེད་ཀྱིས་གྲོས་མཐུན་འདི་དང་འགལ་ཡང་། ཧྭ་ཝེ་ཡིས་བྱ་སྤྱོད་གང་ཞིག་སྤེལ་མེད་ཚེ། ཁྱེད་ཀྱིས་གྲོས་མཐུན་འདིའི་དེ་མིན་གྱི་གནས་ཚུལ་འོགདེ་དང་འགལ་བར་ཧྭ་ཝེ་ལ་དབང་ཆ་ལག་ལེན་དང་དབུལ་སྐྱོབ་འཚོལ་བའི་དབང་ཆ་ཡོད། གལ་ཏེ་གྲོས་མཐུན་འདིའི་ནང་གི་ཆ་རྐྱེན་གང་རུང་ (ཡང་ན་ཆ་རྐྱེན་ཅི་རིགས་ཤིག་གི་ཆ་ཤས་ཤིག) ཁོངས་གཏོགས་དོ་དམ་དབང་ཆ་ཡོད་པའི་ཁྲིམས་ཁང་ངམ་གཙོ་བོའི་དོ་དམ་ཚན་པས་གོ་མི་ཆོད་པ། ནུས་པ་ཤོར་བའམ་ལག་ལེན་བསྟར་མི་ཐུབ་པར་བརྩི་བ་ཡིན་ཚེ། ཆ་རྐྱེན་འདི་གྲོས་མཐུན་འདིའི་ནང་ནས་བསུབ་དགོས་པ་དང་། ཆ་རྐྱེན་གཞན་རྣམས་སྔར་བཞིན་ཆ་ཚང་བའི་ཁྲིམས་ལུགས་ཀྱི་ནུས་པ་ལྡན་ཡོད། ལྷག་འཕྲོའི་ཆ་རྐྱེན་རྣམས་ཆ་རྐྱེན་འདིར་གོ་མི་ཆོད་པ། ནུས་པ་ཤོར་བའམ་ལག་ལེན་བསྟར་མི་ཐུབ་པར་གྱུར་རྗེས་སྔར་བཞིན་གོ་ཆོད།
20. ཁྲིམས་ལུགས་མཐུན་མིན་དང་རྩོད་གཞི་ཐག་གཅོད།
གྲོས་མཐུན་འདི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་སྤྱད་འཐུས་ཡིན། བཅའ་ཁྲིམས་གདམ་གའི་སྒྲིག་ལམ་གཞན་པར་བསམ་བློ་མི་གཏོང་།
ཕྱོགས་གཉིས་ཀྱིས་མོས་མཐུན་བྱས་པ་སྟེ། གྲོས་མཐུན་འདིའི་མིང་འགོད་ཡུལ་ནི་ཧྲེན་ཀྲེན་གྲོང་ཁྱེར་ལོང་ཀང་ཁུལ་ཡིན། གྲོས་མཐུན་ལག་ལེན་དུ་བསྟར་བའི་བརྒྱུད་རིམ་ཁྲོད། རྩོད་གླེང་བྱུང་ན་གྲོས་མོལ་བྱས་ཏེ་ཐག་གཅོད་བྱ་དགོས། གྲོས་མོལ་བྱས་ཀྱང་མ་མཐུན་ན། ཕྱོགས་གཉིས་ཀྱིས་གྲོས་མཐུན་ལ་མིང་འགོད་ཡུལ་གྱི་མངའ་དབང་ཡོད་པའི་མི་དམངས་ཁྲིམས་ཁང་ལ་གཏུག་བཤེར་བྱས་ནས་ཐག་གཅོད་བྱ་དགོས།
21. ང་ཚོ་དང་ཇི་ལྟར་འབྲེལ་བ་བྱེད་དམ།
གལ་ཏེ་ཁྱེད་ཀྱིས་གྲོས་མཐུན་འདིར་དོགས་པ་གང་རུང་ཡོད་ཚེ། གཤམ་གྱི་ཆ་འཕྲིན་བརྒྱུད་ནས་ང་ཚོ་ལ་འབྲེལ་བ་གནང་རོགས།
950800